ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཁྲ་རམ་གྱི་གཏམ་བཤད་ལ་རྒྱ་ནག་གིས་བློ་འཚབ་བྱེད་ཀྱི་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་སྐུ་ཞབས་ཌོ་ནོལ་ཁྲ་རམ་གྱིས་འཐེན་འཁྱེར་ཆེ་བའི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགྲིགས་འཇགས་ཡོང་རྒྱུར་ཁོང་གིས་ཐེ་ཝན་གྱི་གནད་དོན་དེ་བེད་སྤྱོད་གནང་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་དེར་རྒྱ་ནག་གིས་བློ་འཚབ་བྱེད་ཀྱི་ཡོད་པ་བཤད་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཁ་ས་གསར་འགོད་པ་ཚོར་གཏམ་བཤད་བྱེད་པའི་སྐབས་རྒྱ་ནག་གཅིག་མ་གཏོགས་མེད་པའི་ལངས་ཕྱོགས་དེ་ནི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བྱེད་པའི་རྨང་གཞི་དེ་ཞིག་ཡིན་པ་དང་། རྨང་གཞི་དེ་གཏོར་བཤིག་བཏང་བ་ཡིན་ན་རྒྱལ་ཁབ་གཉིས་ཀྱིས་གཞི་ཡུལ་གཞན་པའི་ཐོག་འབྲེལ་བྱེད་ཐུབ་ཐབས་མེད་པ་ཞིག་རེད་བཤད་ཡོད་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG