ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འདྲི་ཞིབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་༢༣༤་ཡིས་སྲིད་འཛིན་ཕཀ་ཏེན་ཧེ་ལྐོག་ཟ་རུལ་སུངས་ལ་འབྲེལ་བ་ཡོད་མེད་འདྲི་ཞིབ་བྱ་དགོས་པའི་འོས་ཤོག་འཕངས་པ་དང་གྲོས་ཚོགས་འཐུས་མི་༥༦་གིས་འདྲི་ཞིབ་བྱ་མི་དགོས་པའི་འོས་ཤོག་འཕངས་ཏེ། དེ་རིང་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་སྲིད་འཛིན་ཕཀ་གེན་ཧེ་གནས་དབྱུང་བཏང་སྟེ། སྲིད་འཛིན་ཕཀ་གེན་ཧེ་རང་གི་གྲོགས་མོའི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་གྱི་ཚོང་ལས་ཁག་ལ་འབྲེལ་བ་ཡོད་མེད་འདྲི་ཞིབ་བྱ་རྒྱུའི་ཐག་གཅོད་བྱས་འདུག ལྷོ་ཀོ་རི་ཡའི་ལས་ཐོག་སྲིད་འཛིན་ཞིག་ཁྲིམས་ལ་སྦྱོར་པར་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༣༠༠་ཡོད་པ་དེའི་ཁོངས་ནས་ཉུང་མཐའ་ཡང་འཐུས་མི་༢༠༠་ཐམ་པའི་རྒྱབ་སྐྱོར་འཐོབ་དགོས་པ་དང་། ཕྱི་ཟླ་༡༢་ཚེས་༩་ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་༢༣༤་ཡིས་སྲིད་འཛིན་ལ་འདྲི་ཞིབ་བྱ་དགོས་པའི་འོས་ཤོག་འཕངས་ཡོད་ཅིང་། དེར་བརྟེན་ལྷོ་ཀོ་རི་ཡའི་ཆེས་མཐོ་ཁྲིམས་ཁང་གིས་དུས་ཡུན་ཟླ་བ་༦་གི་ནང་ཚུད་དུ་གྲོས་ཚོགས་ཀྱི་ཐག་གཅོད་བྱས་པ་རང་སོར་འཇོག་དགོས་མིན་ཐག་གཅོད་བྱ་དགོས་པ་དང་། ཁྲིམས་ཁང་གི་ཐག་གཅོད་མ་བྱུང་བར་དུ་སྲིད་འཛིན་གྱི་ལས་འགན་རྣམས་སྲིད་བློན་གྱིས་འཁུར་རྒྱུ། ལྷོ་ཀོ་རི་ཡའི་སྲིད་བློན་གྱིས་བར་བརྒལ་གཞུང་གི་ངོ་བོའི་ཐོག་ཏུ་ཆབ་སྲིད་འཛིན་སྐྱོང་བྱ་དགོས་པ་རེད།།

XS
SM
MD
LG