ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨ་རི། ཐེ་ཝན་གྱི་སྲིད་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟླ་བ་རྗེས་མར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་བརྒྱུད་ནས་གོ་ཊ་མ་ལ་དང་ཨལ་ས་ཝ་ཌོལ་རྒྱལ་ཁབ་གཉིས་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་། སྐབས་དེར་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་དང་ཐེ་ཝན་གྱི་སྲིད་འཛིན་གཉིས་ཎིའུ་ཡོཀ་གྲོང་ཁྱེར་དུ་ཐུག་འཕྲད་འབྱུང་སྲིད་པའི་བློ་འཚབ་བྱུང་སྟེ། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་དང་ཐེ་ཝན་གྱི་སྲིད་འཛིན་གཉིས་ཐུག་འཕྲད་བྱ་མི་ཆོག་ཅེས་ཉེན་བརྡ་ནན་པོ་བཏང་ཡོད་ཅིང་། བདུན་ཕྲག་སྔོན་མར་ཐེ་ཝན་གྱི་སྲིད་འཛིན་དང་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཀྱིས་ཐད་ཀར་ཁ་པར་ནང་དུ་བཀའ་མོལ་གནང་སྟེ། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཌོ་ནལ་ཊམ་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ཡོད་པ་དང་། དེར་བརྟེན་༡༩༧༩་ནས་ཨ་མི་རི་ཀའི་གཞུང་གིས་རྩ་འཛིན་བྱེད་པའི་སྲིད་ཇུས་དེར་ཌོ་ནལ་ཊམ་གྱིས་འགྱུར་བ་བཏང་ཡོད་པ་རེད།

XS
SM
MD
LG