ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གིས་སོག་པོའི་ན་གཞོན་རྣམས་ལ་དམིགས་བསལ་བཀའ་སློབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་དུ་མཛད་འཆར་ཉིན་ལྔ་པར་སོག་པོའི་གཞོན་སྐྱེས་རྣམས་ལ་དམིགས་བསལ་བཀའ་སློབ་གནང་སྟེ། ཇིང་གིར་ཧན་རྒྱལ་པོའི་སྙིང་སྟོབས་སེམས་ལ་བཅང་ནས་དེང་དུས་དང་སྲོལ་རྒྱུན་གྱི་ཤེས་བྱ་ཡོངས་སུ་ཚང་བའི་སོག་པོ་བ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ནན་གསུང་གནང་ཡོད་པ། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ས་གནས་སུ་བཏང་བའི་འདི་ག་ལས་ཁུངས་ཀྱི་གསར་འགོད་པ་པདྨ་རྡོ་རྗེ་ལགས་ལ་བཅར་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG