ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་ལེགས་གྲུབ་ཀྱིས་རབ་གནས་འགོ་འཛུགས་གནང་བ།


བལ་ཡུལ་ནང་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོའི་ལས་དོན་ལེགས་པར་གྲུབ་ནས་ཉིན་གསུམ་གྱི་རབ་གནས་དབུ་འཛུགས་གནང་འདུག་པ་དང་། རབ་གནས་ཀྱི་ཆེད་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་་པོ་ཆེ་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་སྤྲུལ་རྣམས་ཕེབས་ཏེ་ཆོས་བརྒྱུད་སོ་སོའི་བཞེད་སྲོལ་ཆོ་ག་གསུང་འདོན་དང་སྦྲགས་རབ་གནས་དབུ་འཛུགས་གནང་འདུག རེས་གཟའ་པ་སངས་ཉིན་རབ་གནས་ཀྱི་ཉིན་དང་པོར་བལ་ཡུལ་མཆོད་རྟེན་རིན་པོ་ཆེའི་རབ་གནས་ཀྱི་མཛད་རིམ་གྱི་ཐོག༌མར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་དབུས་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་མཁན་པོ་ཁག་རྣམས་དང་། དགེ་འདུན་གྲངས་དྲུག་བརྒྱ་ལྷག་ཙམ་དང་དད་ལྡན་སེར་སྐྱ་ཕོ་མོ་དྲུག་སྟོང་ལྷག་མཉམ་འཛོམས་ཐོག་སྔ་དྲོ་ཆུ་བོད་ཀྱི་མགྲོན་ཁང་ནས་མཆོད་རྟེན་ཪིན་པོ་ཆེ་བར་གདན་ཞུས་གནང་བའི་མཛད་རིམ་གཟབ་རྒྱས་ཞུས་འདུག་པ་དང་། དེར་སྤོང་རོང་རྒྱལ་གཞས་ཀྱིས་འགོ་ཁྲིད་དེ་བོད་ལུགས་གླུ་གར་རོལ་མོ་དང་བལ་པོའི་ནང་པ་ཚོས་རང་ལུགས་གར་ཆམ་སོགས་ཀྱིས་སྔོན་བསུས་ཏེ། བླ་སྤྲུལ་དགེ་འདུན་པ་རྣམས་མཆོད་ཀྱི་ཕྱོགས་བཞིར་ཆོས་བརྒྱུད་ཆེན་པོ་བཞིའི་བླ་སྤྲུལ་དགེ་འདུན་པ་རྣམས་བཞུགས་གནས་གོ་སྒྲིག་ཞུས་འདུག

XS
SM
MD
LG