ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༡༥

༸གོང་ས་མཆོག་གིས་ཨ་རིའི་འདེམས་ཐོན་སྲིད་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཁར་མི་དམངས་ལ་བཀའ་སློབ་དང་གསུང་ཆོས་སོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་ཅིང་། གསར་འགོད་པ་ཞིག་གིས་༧གོང་ས་མཆོག་ཨ་རིའི་སྲིད་འཛིན་གསར་པར་མཇལ་འཕྲད་གནང་འདོད་ཡོད་དམ་ཞེས་བཀའ་དྲིན་ཞུས་ཏེ། ༧གོང་ས་མཆོག་གང་ཉིད་ཨ་རིའི་སྲིད་འཛིན་སྔོན་མ་རྣམས་ལ་མཇལ་འཕྲད་གནང་མྱོང་ཡོད་པ་ལྟར་སྲིད་འཛིན་གསར་པ་ཌོ་ནལ་ཊམ་ལའང་མཇལ་འཕྲད་གནང་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG