ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གྲོང་ཁྱེར་ཁག་ནང་འདེམས་འཐོན་སྲིད་འཛིན་ཌོ་ནོལ་ཁྲ་རམ་ལ་ངོ་རྒོལ།


གཟའ་མིག་དམར་ཕྱི་ཟླ་༡༡པའི་ཚེས་༨ཉིན་མོའི་ཨ་རིའི་རྒྱལ་ཡོངས་འོས་འདེམས་ཆེན་མོའི་སྐབས་སུ་བསམ་ཡུལ་ལས་འདས་པའི་སྤྱི་མཐུན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནོལ་ཁྲ་རམ་ལ་རྒྱལ་ཁ་ཐོབ་སྟེ་ཨ་རིའི་སྲིད་འཛིན་༤༥དེ་ཆགས་པའི་རྗེས་སུ་ཨ་རིའི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་གི་ནང་དུ་ ཁྱེད་རང་ང་ཚོའི་སྲིད་འཛིན་མིན་ཞེས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་རེད་ ངོ་རྒོལ་བ་མང་ཆེ་བ་གཞོན་སྐྱེས་ཡིན་པ་ཚོས་སྐུ་ཞབས་ཌོ་ནོལ་ཁྲ་རམ་ནི་མི་རིགས་དབྱེ་འབྱེད་པ་དང་བེུད་ལ་མཐོང་ཆུང་བ་ རྒྱལ་ཁབ་ཁ་འབྲལ་དང་མི་མང་དབར་འཁོན་འཛིན་སློང་མཁན་ཞིག་རེད་ཅེས་སོགས་སྐད་འབོད་སོགས་བྱས་ཡོད་པ་རེད།

XS
SM
MD
LG