ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་རྒྱལ་ས་ཀཐ་མན་ཌུར་ཡོད་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉམས་གསོའི་ལས་དོན་ཆ་ཚང་བ་བསྒྲུབས་ནས་རིང་མིན་ལྷ་བབས་དུས་ཆེན་ཉིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་ལྷན་འཛོམས་ཀྱིས་འཁྲུས་གསོལ་རབ་གནས་གནང་རྒྱུ་ཡིན་འདུག་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉམས་གསོའི་ལས་དོན་ཐོག་འགྲོ་གྲོན་ཨ་རིའི་ཌོ་ལར་འབུམ་ ༢༩ ཙམ་བཏང་འདུག་ཅིང་། དེའི་ཁོངས་སུ་འགྲོ་གྲོན་ཆེ་ཤོས་གསེར་འབུལ་རྒྱུར་འགྲོ་གྲོན་བཏང་ཡོད་འདུག བལ་ཡུལ་མཆོད་རྟེན་ས་ཁུལ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་སམ་པུར་ན་ ཀུ་མར་ བླ་མས་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལ་གཞིགས་ན་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོའི་ལས་དོན་ནང་གསེར་ཀི་ལོ་སུམ་ཅུ་ལྷག་ཙམ་ཕུལ་ཡོད་པའི་ཁོངས་ནས་ཀི་ལོ་གྷ་རམ་ ༢༩ ཏྭའི་སི་ཏུ་རིན་པོ་ཆེ་བླ་བྲང་གིས་གནང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་ས་ཁུལ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་མི་ཀོང་པོ་བུ་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ་ ཉམས་གསོའི་ལས་དོན་ཐོག་འགྲོ་གྲོན་ཆེ་ཤོས་དེ་གསེར་འབུལ་རྒྱུའི་ལས་འཆར་ཐོག་སོང་ཡོད་པ་དང་། གསེར་ཀི་ལོ་ ༢༩ ཙམ་ཏའི་སི་ཏུ་རིན་པོ་ཆེ་བླ་བྲང་ནས་གནང་བ་དེ་གནས་ཚུལ་བདེན་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG