ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྫ་སྡོད་ཀྱི་གཏམ་རྒྱུད་ཞེས་པའི་མུ་འབྲེལ་རི་མོའི་སྒྲུང་གཏམ་འདོན་སྤེལ།


A new comic story recounts a successful campaign by Tibetans in Tibet
A new comic story recounts a successful campaign by Tibetans in Tibet

ཨ་མི་རི་ཀར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་རྫ་སྟོད་ཀྱི་གཏམ་རྒྱུད་ཞེས་པ་ཞིག་དཔར་འགྲེམ་བྱས་ཏེ། དེ་སྔོན་བོད་ཡུལ་ཤུལ་རྫ་སྟོད་ཁུལ་ལ་བོད་མི་ཚོས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པའི་སྐོར་གྱི་དངོས་བྱུང་ལོ་རྒྱུས་རྣམས་མུ་འབྲེལ་རི་མོའི་ལམ་ནས་དྲ་ཐོག་ཏུ་འདོན་སྤེལ་གནང་འདུག་ཅིང་། ཤོག་གྲངས་དྲུག་ལས་གྲུབ་པའི་མུ་འབྲེལ་རི་མོའི་གཏམ་རྒྱུད་དེའི་མཇུག་ཏུ་སྒྲུང་འདི་གཞི་བཅོལ་སའི་དངོས་བྱུས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འགྲེལ་བཤད་ཤོག་གྲངས་གསུམ་ལྷན་ཐབས་སུ་སྦྱར་འདུག ཤོག་གྲངས་དྲུག་གི་བདག་ཉིད་ཅན་གྱི་མུ་འབྲེལ་རི་མོའི་གཏམ་རྒྱུད་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀར་དཔར་འགྲེམ་བྱས་ཡོད་པ་དང། ད་ལྟའི་ཆར་གཏམ་རྒྱུད་དེར་བོད་མི་ན་གཞོན་ཚོས་དོ་སྣང་གང་འཚམས་ཆེན་པོ་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG