ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌུ་ཌར་ཐེས་རྒྱ་ནག་གི་འབྲེལ་བ་དཔལ་འབྱོར་ཡིན་ཟེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེང་སྐབས་ཧྥི་ལི་ཕིན་གྱི་སྲིད་འཛིན་ཌུ་ཌར་ཐེ་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། ཁོང་གིས་ཨ་མི་རི་ཀར་སྔར་བཞིན་བརྗོད་བྱས་ནས་ཨ་རི་དང་ཧྥི་ལི་ཕིན་གྱི་རྒྱལ་སྲུང་སྐྱོབ་མཉམ་འབྲེལ་ཆིངས་ཡིག་ཀྱང་བརྩི་མེད་གཏོང་སྲིད་ཅེས་ངར་སྐད་སྒྲོགས་ཀྱི་ཡོད་རུང་། སྲིད་འཛིན་ཌུ་ཌར་ཐེས་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོར་སྐད་ཆ་མ་འདྲ་བ་ཞིག་བཤད་ཡོད་པ་དང་། དཔེར་ན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད། གལ་སྲིད་དགོས་མཁོ་ཤར་པའི་དུས་དེར་ཧྥི་ལི་ཕིན་ཉི་ཧོང་གི་ཕྱོགས་སུ་ལང་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད་ཅིང་། སྲིད་འཛིན་ཌུ་ཌར་ཐེས་ང་བདུན་ཕྲག་སྔོན་མར་རྒྱ་ནག་ལ་འཚམས་འདྲིར་སོང་བ་དཔལ་འབྱོར་དང་ཚོང་ལས་གོང་འཕེལ་གཏོང་བའི་ཆེད་དུ་ཡིན། ང་ཚོས་དམག་དོན་དང་མཚོན་ཆ་སོགས་ཀྱི་སྐོར་ལ་གྲོས་བསྡུར་ཅི་ཡང་བྱས་མེད། ང་ཚོས་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་དམག་དོན་མཉམ་འབྲེལ་གྱི་མཐུན་གྲོགས་བསྒྲིག་དགོས་མིན་ལ་གྲོས་བསྡུར་གང་ཡང་བྱས་མེད་ཅེས་ཉི་ཧོང་གི་ཚོང་པ་ཚོར་གཏམ་བཤད་བྱས་པ་དང་། བདུན་ཕྲག་སྔོན་མར་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་སྲིད་འཛིན་ཌུ་ཌར་ཐེས་ཨ་མི་རི་ཀ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ཁ་ཁ་བྱས་པ་ཡིན་ཞེས་བཤད་མོད། འོན་ཀྱང་ད་ལྟ་ཁོང་གིས་ཧྥི་ལི་ཕིན་གྱིས་ཨ་མི་རི་ཀར་འབྲེལ་བ་བཅད་མེད། ཧྥི་ལི་ཕིན་གྱིས་སུ་ལའང་བསྟུན་མི་དགོས་པའི་རང་བཙན་གྱི་ཕྱི་སྲིད་ཅིག་འཛིན་གྱི་ཡོད་ཅེས་ཨུ་ཚུགས་རྒྱག་གི་ཡོད་པས། སྲིད་འཛིན་ཌུ་ཌར་ཐེའི་སྐད་ཆ་དེ་དག་གི་གོ་དོན་ངོ་མོ་ཅི་ཡིན་མ་ཤེས་པར་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་མགོ་ན་དགོས་པ་ཞིག་ལ་གྱུར་ཡོད་པ་རེད།

XS
SM
MD
LG