ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཅེག་མི་མང་སྟོང་ཚོ་འགའ་ཞིག་གིས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་རིང་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཆིབས་བསྒྱུར་གནང་འདུག་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཞབས་སོར་བཀོད་སྐབས་་ཡུལ་དེའི་མི་མང་སྟོང་ཚོང་མང་པོ་ཅེག་་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཀ་གི་ཧ་རཏ་ཀན་ས་ཀི་ཞེས་པའི་བཞི་མདོ་ཆེ་མོར་འདུ་འཛོམས་ནས་ཕེབས་བསུ་ཞུས་འདུག ཕེབས་བསུར་བཅར་མཁན་མི་མང་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་ཡུལ་སྐད་དུ་བོད་རང་དབང་ཞེས་སོགས་འབོད་ཚིག་བསྒྲགས་ཏེ་ཕེབས་བསུ་ཞུས་འདུག་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སི་ལོ་ཝ་ཀི་ཡའི་མཛད་འཆར་རྣམས་ལེགས་པར་གྲུབ་སྟེ། གླེང་སྟེགས་ཉིས་སྟོང་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཉི་ཤུ་བར་ལྷན་བཞུགས་གནང་ཆེད་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཆིབས་བསྒྱུར་གནང་བ་ཞིག་ཡིན་པ་དང་། ཕེབས་བསུར་བཅར་མཁན་མི་མང་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྙིང་བསྡུས་ཤིག་གནང་བའི ཁྱེད་རྣམས་ཀྱིས་མཛའ་བརྩེ་ལྡན་པའི་ཚོར་སྣང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་བཅས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་གི་ཡོད། དེ་ནི་སེམས་འགུལ་ཐེབས་པོ་ཞིག་བྱུང་ཞེས་གསུངས་འདུག

XS
SM
MD
LG