ངོ་འཕྲད་བདེ་བའི་དྲ་འབྲེལ།

བདུན་ཕྲག་འདིའི་གཟའ་ཉི་མ་དང་གཟའ་ལྷག་པ་གཉིས་ལ་ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་ཤིག་ནས་མེ་ཤུགས་འཕུར་མདའ་ཐེངས་གསུམ་བརྒྱབ་སྟེ། ཨ་ཧྥི་རི་ཀའི་བྱང་ཕྱོགས་རྒྱལ་ཁབ་ཡེ་མན་གྱི་གྱེན་ལོག་པ་ཚོར་གཏོར་རྒོལ་བྱས་པ་དང་། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་གཏོར་རྒོལ་དེ་རང་སྲུང་གི་ཆེད་དུ་ཡིན། ཨ་ཧྥི་རི་ཀའི་བྱང་ཕྱོགས་སུ་ཡོད་པའི་ཨ་མི་རི་ཀའི་དམག་དོན་མི་སྣ་དང་དམག་གྲུ། ཨ་རིའི་དམག་གྲུ་ཁག་གི་མཚོ་འགྲུལ་རང་དབང་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན། ཨ་མི་རི་ཀས་གཏོར་རྒོལ་བྱ་ཡུལ་ཁག་ཅིག་གནམ་གྲུ་དང་དམག་གྲུ་འཚོལ་ཞིབ་བྱེད་སྤྱད་རེ་ཌར་འཕྲུལ་ཆས་འཛུགས་ཡུལ་ཡིན་ཞིང་། རེ་ཌར་འཕྲུལ་ཆས་དེ་རྣམས་མཚོ་དམར་པོའི་དཀྱིལ་གྱི་ཨ་མི་རི་ཀའི་དམག་གྲུ་ཁག་ལ་ཉེན་ཀ་ཡོད། རེ་ཌར་འཕྲུལ་ཆས་དེ་ཡེ་མན་གྱི་མི་དམངས་དཀྱུས་མ་ཚོར་གནོད་འཚེ་ཆེན་པོ་མེད་ས་ཞིག་ཏུ་བཙུགས་འདུག དེར་བརྟེན་ཨ་མི་རི་ཀའི་མཚོ་དམག་གིས་མེ་ཤུགས་འཕུར་མདའ་བརྒྱབ་ནས་རེ་ཌར་འཕྲུལ་ཆས་དེ་རྩ་གཏོར་བཏང་བ་ཡིན། ད་དུང་ཡང་ཨ་མི་རི་ཀའི་དམག་གྲུ་ཁག་ལ་ཚུར་རྒོལ་གྱི་ཉེན་ཀ་འབྱུང་ཚེ། ཨ་མི་རི་ཀས་སྔར་བཞིན་རྒོལ་ལན་སློག་རྒྱུ་ཡིན་ཞེས་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

XS
SM
MD
LG