ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དབྱིན་ཇིའི་གཞུང་ནས་ཧོང་ཀོང་གི་ཁྲིམས་ཀྱི་བདག་ལ་བློ་ཚབ་གནང་བ་རྒྱ་ནག་ནས་སྐྱོན་བརྗོད།


དབྱིན་ཇིའི་གཞུང་ནས་རང་གི་དེ་སྔའི་མི་སེར་སྤེལ་ཡུལ་ཧོང་ཀོང་གི་གནས་ཚུལ་ཐད་ལ་ཟླ་བ་དྲུག་རེའི་མཚམས་སུ་གྲོས་ཚོགས་ལ་སྙན་ཞུ་ཞིག་འབུལ་སྲོལ་ཡོད་པ་ལྟར་ཕྱི་ཟླ་དང་པོ་ནས་དྲུག་པའི་བར་གྱི་ཧོང་ཀོང་གི་གནས་ཚུལ་སྐོར་གྲོས་ཚོགས་ལ་སྙན་ཐོ་ཞིག་གཟའ་ལྷག་པའི་ཉིན་མོ་འབུལ་ཡོད་པ་དེའི་ནང་ཧོང་ཀོང་གི་ཁྲིམས་ཐོག་ལ་རྒྱ་ནག་ནས་ཐེ་ཇུས་ཀྱིས་ཁྲིམས་ལག་བསྟར་ཆ་ཚང་བྱེད་རྒྱུའི་དབང་ཆ་མེད་པར་འགྱུར་བའི་གནས་སྟངས་ལ་བློ་ཚབ་ཆེན་པོ་ཡོད་ཅེས་བཀོད་པ་དང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་་མཆོག་ནས་ཉེ་དུས་ཧོང་ཀོང་གི་དེབ་ཁང་ཞིག་གི་སྦྱིན་བདག་དང་ལས་བྱེད་བཅས་མི་ལྔ་རྒྱ་ནག་ནང་བཀག་ཉར་བྱས་པ་སོགས་ཀྱི་གནས་ཚུལ་ཐོག་ནས་བློ་ཚབ་དེ་ཚོ་གྲོས་ཚོགས་ལ་གསལ་བཤད་ཞུས་པ་དང་རྒྱ་ནག་ནས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སུ་གནས་རྒྱུའི་ཁས་ལེན་དེ་ཚོ་དོན་འཁྱོལ་བྱེད་དགོས་ཅེས་གསུང་པའི་རྗེས་རྒྱ་ནག་གཞུང་ནས་ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས་རྒྱལ་ཁབ་གཞན་ལ་ཐེ་ཇུས་བྱེད་རྒྱུ་མཚམས་འཇོག་དགོས་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG