ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་རྒྱ་ཞི་མོལ་བྱ་རྒྱུར་རྒྱ་གཞུང་གི་ཕྱོགས་ནས་མ་འོས་མ་འཚམས་པའི་ཆ་རྐྱེན་འདོན་གྱི་ཡོད་པ།


བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ཐད་ ཨ་མི་རི་ཀའི་གཞུང་གིས་གྲོས་ཚོགས་ལ་ལོ་འཁོར་སྙན་ཐོ་འབུལ་ཐེངས་བཅུ་བཞི་པ་དེའི་ནང་ བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཏཱ་ལེའི་བླ་མ་མཆོག་དང་ རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་དབར་ དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་པ་སྐུལ་འདེད་བྱ་རྒྱུ་དེ་ནི་སྲིད་འཛིན་ཨཽ་བྷ་མ་ཆབ་སྲིད་འཛིན་སྐྱོང་ཁང་གི་སྲིད་བྱུས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་དང་འབྲེལ་ ཕྱི་ལོ་༢༠༡༠ལོ་ནས་བཟུང་ བོད་རྒྱ་ཞི་མོལ་བྱེད་མཚམས་ཆད་ཡོད་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི་ རྒྱ་ནག་གཞུང་གི་ཕྱོགས་ནས་ཞི་གྲོས་བསྐྱར་དུ་འགོ་འཛུགས་བྱ་རྒྱུར་ མ་འོས་མ་འཚམས་པ་དང་ གྲུབ་ཐབས་མེད་པའི་ཆ་རྐྱེན་དེ་འདྲ་བཏོན་པར་བརྟེན་ནས་ཡིན་པ་འགྲེལ་བརྗོད་གནང་སྟེ་ རྒྱ་ནག་གཞུང་གི་ལང་ཕྱོགས་འཛིན་སྟངས་འདི་ནི་ ཕན་ཐོགས་ལས་གནོད་སྐྱོན་ཆེ་བ་ཞིག་ཡིན་པ་མ་ཟད་ ཨ་མི་རི་ཀ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་དང་ལྡོག་ཕྱོགས་ཀྱི་བྱེད་སྟངས་ཤིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ གང་ལགས་ཞེས་ན་ ང་ཚོས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཞི་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG