ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

འབྲུག་ཡུལ་གྱིས་ཁྲིམས་ཀྱི་སློབ་གྲྭ་ཐོག་མ་དེ་འཛུགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ།


འབྲུག་ཡུལ་གྱི་ནང་ ཁྲིམས་ཀྱི་སློབ་གྲྭ་ཐོག་མ་དེ་འཛུགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་ དུས་སང་ལོར་སྒོ་འབྱེད་དངོས་སུ་བྱ་རྒྱུའི་འཆར་གཞི་ཡོད་པའི་སློབ་གྲྭ་དེར་ ཐོག་མར་སློབ་ཕྲུག་ཉི་ཤུ་རྩ་ལྔ་འཇུག་རྒྱུའི་འཆར་གཞི་ཡོད་པས་ སློབ་གྲྭ་དེའི་སློབ་སྤྱི་གཞོན་པ་ཨ་མི་རི་ཀ་བ་མྷཡི་ཀལ་ ཕྷིལ་གྱིས་ ཡུལ་དེའི་ས་ཕྱོགས་གང་སར་ཡོད་པའི་སློབ་གྲྭ་ཁག་ལ་བསྐྱོད་དེ་ སློབ་གྲྭའི་དམིགས་ཡུལ་དང་ སློབ་ཚན་བཅས་ཀྱི་སྐོར་སློབ་ཕྲུག་རྣམས་ལ་གསལ་བཤད་གནང་སྟེ་སློབ་ཞུགས་བྱེད་འགོད་ཡོད་ན་ སྙན་ཞུ་གང་འདྲ་སེ་གཏོང་དགོས་པ་བཅས་ཀྱི་ཐད་སློབ་གསོ་སྐྱོན་བཞིན་པ་ཡིན་འདུག

XS
SM
MD
LG