ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཞི་ཅིང་ཕིང་གིས་ཤོག་ཁག་དབར་འཐབ་རྩོད་ནང་གདོང་ལེན་བྱེད་པ།


རྒྱ་ནག་གི་དམར་ཤོག་ཚོགས་པའི་སྐབས་༡༩ པ་ཚོགས་ཆེན་གལ་ཆེ་དེ་དུས་སང་ཚོགས་རྒྱུ་ཡིན་པ་དེའི་སྐབས་སུ་ཆེས་མཐོའི་འགོ་ཁྲིད་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་དང་ཚོགས་ཆེན་དེའི་གོང་དུ་སྲིད་འཛིན་ཞི་ཅིང་ཕིང་ལ་ཤོག་ཁག་དབར་གྱི་དབང་ཆའི་འཐབ་རྩོད་ཐད་ལ་གདོང་ལེན་ཤུགས་ཆེ་བྱེད་དགོས་ཆགས་རྒྱུ་ཡིན་པ་སོགས་ལྷོ་རྒྱ་ནག་གི་ཞོགས་པའི་ཚགས་ཤོག་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་གི་འགོ་ཁྲིད་ནང་དུ་ཤོག་ཁག་གསུམ་ཡོད་པ་ནི་དམར་ཤོག་གཞོན་ནུ་སྡེ་ཚོགས་ཀྱི་ཤོག་ཁག་དང་སྲིད་འཛིན་ཟུར་པ་ཅང་ཙེ་མིང་གི་ཕྱོགས་གཏོགས་ཧྲང་ཧད་ཤོག་ཁག་ དེ་བཞིན་ཞི་ཅིང་ཕིང་རང་ཉིད་ཀྱི་ཕྱོགས་གཏོགས་བཅས་ཡིན་པ་དང་སྲིད་འཛིན་ཞི་ཅིང་ཕིང་ནས་ལྐོག་ཟ་རུལ་སུངས་ལ་ཁ་གཏད་སོགས་ཀྱི་ལས་འགུལ་ཐོག་ནས་རང་གི་ཁ་གཏད་པའི་སྟོབས་ཤུགས་ཉམས་རྒུད་གཏོང་ཐབས་དང་དབུས་ཆབ་སྲིད་རྒྱུན་ལས་ཁང་ནང་དུ་སོ་སོའི་ཕྱོགས་ཁག་གི་མི་སྣ་གང་མང་སླེབས་རྒྱུའི་འབད་བརྩོན་བྱེད་ཡོད་པ་རེད།

XS
SM
MD
LG