རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་སྐུ་གཞོན་གྱི་འོས་མི་གཉིས་ཀྱིས་བགྲོ་གླེང་གནང་བའི་ནང་སྲིད་འཛིན་འོས་མི་གཉིས་ཀྱི་ལངས་ཕྱོགས་དང་སྲིད་བྱུས། གཤིས་སྤྱོད་སོགས་ལ་འགན་སྲུང་གནང་འདུག་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་སྤྱི་ཡོངས་ཐོག་སྤྱི་མཐུན་ཚོགས་པའི་སྲིད་འཛིན་སྐུ་གཞོན་གྱི་འོས་མི་མའིག་ པེནྶ་ལ་གྲུབ་འབྲས་བཟང་བ་བྱུང་ཡོད་ནའང་། མང་གཙོ་ཚོགས་པའི་སྲིད་འཛིན་སྐུ་གཞོན་གྱི་འོས་མི་ཀྲིམ་ ཀེན་གྱིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལྜ་ ཀྲམ་གྱིས་རྩོད་གཞི་ཅན་གྱི་གཏམ་བཤད་རྣམས་གླེང་སློང་གནང་ནས་ཁོང་སྲིད་འཛིན་ལ་འོས་པའི་འོས་ཆོས་ལྡན་མེད་པ་ཨ་རིའི་མང་ཚོགས་ལ་གསལ་འདོན་གནང་རྒྱུར་འབད་བརྩོན་གནང་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག སྲིད་འཛིན་སྐུ་གཞོན་གྱི་འོས་མི་གཉིས་ཀྱིས་འཇིགས་བསྐུལ་རིང་ལུགས་པར་གདོང་ལེན་གནང་ཕྱོགས་དང་ཕྱི་མི་གཞིས་ཆགས་ཀྱི་སྲིད་བྱུས། ར་ཤི་ཡ་དང་འབྲེལ་བའི་གནས་དོན་དང་དཔལ་འབྱོར་སོགས་ཀྱི་སྐོར་ལ་བགྲོ་གླེང་གང་ཙམ་རྣོ་ངར་ཆེན་པོ་གནང་ཡོད་པ་རེད།