ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཤི་མོན་ པེ་རིས་འདས་མཆོད་ལ་ཕེབས་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་བྷ་རག་ ཨོ་བྷ་མ་དང་སྲིད་འཛིན་ཟུར་པ་བྷིལ་ ཀི་ལིན་ཌན་གཉིས་འཛམ་གླིང་གི་དབུ་ཁྲིད་གཞན་གྱི་ལྷན་དུ་ཨིས་རལ་གྱི་སྲིད་བློན་ཟུར་པ་ཤི་མོན་ པེ་རིས་ཕུང་མཆོད་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་གནང་འདུག་པ་དང་། མྱ་ངན་རྗེས་དྲན་གྱི་བྱེད་སྒོ་དེར་པེ་ལིས་ཐན་གྱི་སྲིད་འཛིན་མོ་ཧ་མཏ་ ཨ་བྷས་ཡང་མཉམ་ཞུགས་གནང་འདུག་པ་དང། ཨ་རིའི་སྲིད་འཛིན་བྷ་རག་་ཨོ་བ་མ་མཆོག་གིས་མྱ་ངན་རྗེས་དྲན་གྱི་ཚོགས་འཛོམས་ལ་ ཤི་མོན་ པེ་རིས་དམ་པ་དེས་ཞི་བདེ་དང་དྲང་བདེན་ལ་རྒྱུན་མ་ཆད་པར་འཐབ་རྩོད་གནང་ཡོད་པ་དེ་དྲན་གསོ་གནང་དགོས་པ་ཡིན་ཞེས་གསུངས་འདུག མཛད་སྒོ་དེར་འཛམ་གླིང་ཡུལ་གྲུ་གང་ས་ནས་དབུ་ཁྲིད་ཕེབས་འཛོམས་ཡོད་པ་དང་། ཤི་མོན་ པ་རེས་འདས་གྲོངས་སོང་བའི་གནས་ཚུལ་གསན་འཕྲལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་ཕྱག་བྲིས་གནང་བའི་ནང་ཁོང་ནི་ཨིས་རལ་དང་པེ་ལིས་ཐན་དབར་ཞི་བའི་གྲོས་མཐུན་ཡོང་ཐབས་ལ་འབད་བརྩོན་གནང་མཁན་ཞི་བདེའི་དབུ་ཁྲིད་གཅིག་རེད་ཅེས་གསུངས་འདུག

XS
SM
MD
LG