ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༦་པ་ཟླ་བ་རྗེས་མའི་ཚེས་༢༤་ནས་ཚེས་༢༧་བར་དུ་འཚོགས་འཆར་ཡོད་པ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩་པའི་ཚོགས་ཆེན་གྱི་གྲོས་གཞི་ཁག་གཏན་འབེབས་བྱས་ཏེ། ཞིས་ཅིན་ཕིང་གིས་སྲིད་དབང་སྲ་བརྟན་དང་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་རྒྱུན་འཁྱོངས། གཅིག་བྱས་ན་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གི་མི་རབས་དྲུག་པའི་འགོ་ཁྲིད་གསར་པ་རྣམས་འདེམས་བསྐོ་བྱ་སྲིད་ཅིང་། ཡིན་ནའང་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཟླ་བ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༦་འཚོགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་བསྐྱར་བཅོས་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་ཙམ་ལས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་དེའི་ཐོག་ཏུ་ཏང་གི་སྒྲིག་ཁྲིམས་ཅི་ཞིག་ལ་བསྐྱར་བཅོས་གཏོང་རྒྱུ་ཡིན་མིན་དང་། ཁོ་ཚོས་གྲོས་གཞི་གང་འདྲ་ཞིག་ལ་གྲོས་བསྡུར་བྱ་འཆར་ཡོད་མེད། སྲིད་འཛིན་ཞིས་ཅིན་ཕིང་གིས་རང་གི་རྗེས་འཛིན་པ་ཞིག་འདེམས་བསྐོ་བྱ་རྒྱུ་ཡིན་མིན་བཅས་ཀྱི་གནས་ཚུལ་ཁ་གསལ་ཅི་ཡང་ཁྱབ་བསྒྲགས་བྱས་མེད་པ་རེད།

XS
SM
MD
LG