ངོ་འཕྲད་བདེ་བའི་དྲ་འབྲེལ།

ངག་དབང་རབ་རྒྱལ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འདེམས་ཐོན་བྱུང་བ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༦ པའི་སྔ་དྲོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་༦ དོན་ཚན་ ༦༣ པའི་ནང་གསེས་ ༡ པོའི་དགོངས་དོན་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་ཀྱི་འོས་མི་གཉིས་མཚན་འདོན་གནང་བའི་རྗེས་སྤྱི་འཐུས་རྣམ་པས་འོས་ཤོག་འཕངས་པ་བརྒྱུད་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་ལ་འོས་གྲངས་ ༢༤ ཐོབ་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་དུ་འོས་འདེམས་བྱུང་ཡོད་པའི་སྐོར་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG