ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྒྲུབ་པ་སྐྱབས་ལགས་དང་ཁོང་གི་གྲོགས་པོ་བསམ་གྲུབ་སླར་ཡང་འཛིན་བཟུང་བྱས་པ།


ཉེ་ཆར་བཙོན་ཁང་ནས་གློག་གྲོལ་བཏང་པའི་བོད་ཀྱི་རྩོམ་པ་པོ་སྒྲུབ་པ་སྐྱབས་ལགས་དང་། ཁོང་གི་གྲོགས་པོ་བསམ་གྲུབ་གཉིས་ཉེ་ཆར་སླར་ཡང་འཛིན་བཟུང་བྱས་འདུག སྒྲུབ་པ་སྐྱབས་ལགས་ཀྱིས་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་སྐབས་ཀྱི་གནས་ཚུལ་རྣམས་རྩོམ་བྲིས་གནང་སྟེ། “ས་བྱི་ཁྲག་བྲིས་དམར་པོ་”ཞེས་པའི་དེབ་སྟོན་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG