ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

བྱང་ཀོ་རི་ཡའི་གནད་དོན་ཐད་ཨ་རི་དང་རྒྱ་ནག་གཉིས་གྲོས་མོས་མཐུན་བྱུང་བ།


རེས་གཟའ་ཟླ་བའི་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ཚོགས་ཞོར་དུ་ཨ་རིའི་སྲིད་འཛིན་ཨོ་བྷཱ་མ་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཇང་གཉིས་མཇལ་འཕྲད་གྲོས་མོལ་སྐབས་བྱང་ཀོ་རི་ཡས་རྒྱལ་སྤྱིའི་དམ་བསྒྲགས་ཁག་ལ་བརྩི་མེད་ཀྱིས་རྡུལ་ཕྲན་ནུས་ཤུགས་ལྡན་པའི་མེ་ཤུགས་འཕུར་མདའ་ལྔ་པ་དེ་ཚོད་ལྟ་བྱས་པར་བརྟེན་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་བཏང་འཛིན་ཡོང་རྒྱུའི་ཐད་རྒྱ་ནག་དང་ཨ་རི་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱུང་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG