ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་པོ་ལནྜ་གྱི་སློབ་ཕྲུག་སོགས་ཀྱི་ལྷན་དུ་གླེང་མོལ་གནང་བ།


༢༠༠༨
༢༠༠༨

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལཎྜའི་ན་གཞོན་ཚོར་ཡུལ་དེའི་རང་དབང་འཐབ་རྩོད་པའི་དབུ་ཁྲིད་རྣམས་ཀྱི་རྗེས་བཤུལ་སྐྱོང་དགོས་པ་དང་། དུས་རབས་ཉེར་གཅིག་པ་དེ་ཞི་བའི་དུས་རབས་ཤིག་འགྱུར་ཐབས་ལ་འགན་འཁུར་ལེན་དགོས་པའི་བཀའ་སློབ་གནང་འདུག་པ་དང་། ༧གོང་ས་མཆོག་གི་ཆིབས་ཞབས་ཁོངས་ཡོད་པ་དབྱིན་ལན་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གསུངས་ན། གྲོང་ཁྱེར་ཝ་རོཀྶ་ལོའི་སྤྱི་ཁྱབ་ཀྱིས་གཞུང་འབྲེལ་ཕེབས་བསུའི་མཛད་སྒོའི་ཐོག་ཡུལ་དེའི་གནད་དོན་མི་སྣ་ཉིས་བརྒྱ་ལྷག་འདུ་འཛོམས་གནང་བའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལཎྜ་མི་མང་གིས་དམར་ཤོག་ལ་འཐབ་རྩོད་བྱས་པ་དང་བོད་མི་ཚོས་འཐབ་རྩོད་བྱེད་བཞིན་པ་གཉིས་ལ་འདྲ་མཚུངས་ཀྱི་གནས་ཚུལ་མང་པོ་ཡོད་པ་དང་། པོ་ལཎྜའི་མི་མང་ཚོས་ཡུལ་དེའི་དབུ་ཁྲིད་དམ་པ་ཚོས་འཐབ་རྩོད་གནང་བའི་མང་གཙོའི་རྒྱལ་ཁ་དེ་ལོངས་སུ་སྤྱོད་སྟངས་མ་ནོར་བ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG