ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་པོ་ལཎྜ་ནང་ཆིབས་བསྒྱུར་མཛད་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལཎྜ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོར་མཇལ་འཕྲད་བཀའ་བསྡུར་གནང་འདུག་པ་དང་། ད་རེས་པོ་ལཎྜ་ནང་ཉིན་གཉིས་ཀྱི་ཆིབས་བསྒྱུར་དེ་ནི་གྲོང་ཁྱེར་ཝ་རག་ལའི་སྤྱི་ཁྱབ་ཀྱིས་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་ཕེབས་པ་ཞིག་ཡིན་འདུག་པ་དང་། དབྱིན་ལན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གསུངས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལཎྜ་གྲོས་ཚོགས་འཐུས་མི་ཚོར་ད་བར་བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་གནང་བ་དང་ཆབས་ཅིག ད་དུང་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་རེ་བསྐུལ་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG