ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༸གོང་ས་མཆོག་གིས་ཚན་རིག་པའི་ལྷན་དུ་བགྲོ་གླེང་ལ་མཉམ་ཞུགས་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྷི་རིན་སིའི་གྲོང་ཁྱེར་སི་ཏྲས་བྷག་གི་མཐོ་རིམ་སློབ་གྲྭའི་ཚན་རིག་པ་དང་སློབ་ཕྲུག་ལྷན་དུ་སྙིང་རྗེ་དང་བྱམས་པ། ཤེས་པའི་འགྲོ་སྟངས་སོགས་ཀྱི་སྐོར་གྱི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་མཐུད་པ་ཚེ་རིང་དོན་འགྲུབ་ལགས་ཀྱིས་གསུངས་དོན་ལ་སི་ཏྲ་ས་བྷག་གྲོང་ཁྱེར་ནང་ཡོད་པའི་བོད་རྒྱུད་ནང་བསྟན་ཆོས་ཚོགས་དང་ས་ཏྲས་བྷག་མཐོ་སློབ་སོགས་ཀྱི་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་པ་སངས་ཉིན་ཚན་རིག་པ་དང་བགྲོ་གླེང་གནང་རྒྱུ་དང་། རེས་གཟའ་སྤེན་པ་ནས་ཆོས་འབྲེལ་དབུ་འཛུགས་གནང་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG