ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་བཙུགས་ནས་ལོ་༦༨་འཁོར་པའི་ཉིན་མོ་དེར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་ལྔ་པ་ཞིག་བྱས་པ་དང་། ཉམས་ཞིབ་པ་ཁག་ཅིག་གིས་ཐེངས་འདིར་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་རྡུལ་ཕྲན་འབར་མདེལ་དེ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་མི་རི་ཀས་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་དུ་གཡུགས་པའི་རྡུལ་ཕྲན་འབར་མདེལ་དེ་ལས་ཀྱང་གཏོར་ཚབས་ཀྱི་ནུས་པ་ཆེ་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་དང་རྒྱ་ནག་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པར་ཁ་རྡུང་དྲག་པོ་བཏང་འདུག ཡིན་ནའང་ལོ་ན་༣༢་ལ་སོན་པའི་བྱང་ཀོ་རི་ཡའི་ཆེས་མཐོ་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་འགོ་ཁྲིད་འོག་ཏུ་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་བཏང་སྟེ། ད་ལོའི་ཕྱི་ཟླ་དང་པོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་འཕར་མ་བཀལ་རུང་། ད་དུང་ཡང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་འགོག་ཐུབ་མེད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཕྱོགས་ཀྱི་དམར་ཤོག་རྒྱལ་ཁབ་དེས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པར་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

XS
SM
MD
LG