ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་བྷུ་ར་སེལ་སི་ལ་ཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པར་རྒྱལ་ཁབ་ལྔ་བཅུ་ཙམ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་མི་སུམ་བརྒྱ་ཡས་མས་ཤིག་ལྷན་འཛོམས་གནང་སྟེ། ཁོང་ཚོས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས་སུ་གྲོས་བསྡུར་གནང་བཞིན་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས་ཀྱིས་གསུངས་དོན་ལ་ཚོགས་ཆེན་དེར་གྲོས་གཞི་དོན་ཚན་བཞི་ལ་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་གནང་བའི་རྗེས་སུ་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་བསྒྲགས་ཡིག་ཆ་གཏན་འབེབས་གནང་རྒྱུ་ཡིན་པ་མ་ཟད། ད་ལན་གྱི་ཚོགས་ཆེན་འདིར་རྒྱ་མི་རིགས་སུམ་ཅུ་ཙམ་མཉམ་ཞུགས་བྱས་ཡོད་པ་དེ་དག་གིས་ཀྱང་ཚོགས་ཆེན་དེར་དམིགས་བསལ་ནུས་པ་འདོན་ཐུབ་པའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་འདུག

XS
SM
MD
LG