ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ལྷག་པ་དང་སྤྱི་ཚེས་༧ཉིན་ཨ་རིའི་གྲོང་ཁྱེར་སན་ཧྥན་སི་སི་ཁོའོ་ལ་ཨེ་ཕོལ་ (Apple ) ཚོང་གཉེར་ཁང་ནས་ཐོན་གསར་ཀུ་ཤུའི་ཁ་པར་ཐོན་རིམ་བདུན་པ་དང་ཀུ་ཤུའི་ཁ་པར་ཐོན་རིམ་བདུན་པ་ཆེ་བ། དེ་བཞིན་ཆུ་ཚོད་ཐོན་གཉིས་པ་འདི་དངོས་སུ་རྒྱ་ཆེའི་འཛད་སྤྱོད་པར་ངོ་སྤྲོད་གནང་ཡོད།

ད་རེས་ཁ་པར་ཐོན་བདུན་པ་དེར་གྱུར་བ་གསར་པ་ཞིག་ནི་རྐུད་ཡོད་ཀྱི་སྒྲ་ཉན་བྱེད་དེ་རྐུད་མེད་བཟོས་ཤིང་། རོལ་ཆ་དང་དེ་མིན་སྒྲ་ཉན་རྒྱུའི་ཐབས་ལམ་ལ་ཕྲན་བུའི་གྱུར་བ་ཕྱིན་ཡོད་འདུག འོན་ཀྱང་ཐོན་གསར་ཁ་པར་ལ་རྐུད་ཡོད་ཀྱི་སྒྲ་ཉན་བྱེད་ཅིག་མཉམ་དུ་ཡོད་པ་དེ་ཐད་ཀར་ཁ་པར་གྱི་གློག་གསོག་སར་མཐུད་རྒྱུ་ཡོད་པ་དང་། རྐུད་མེད་ཀྱི་སྒྲ་ཉན་བྱེད་གསར་པ་དེ་རང་འདོད་བཞིན་ཉོ་དགོས་ཀྱི་ཡོད་འདུག

གོང་ཞུས་ཀྱི་ཐོན་རྫས་ནི་ཨེ་ཕོལ་( Apple ) ཚོང་གཉེར་ཁང་ནས་སྟོན་དུས་སུ་གསལ་བསྒྲགས་བྱས་པའི་ཐོན་རྫས་གསར་པའི་གྲས་ཡིན་ཞིང་། ད་དུང་ཁ་པར་ཐོན་རིམ་བདུན་པ་དེར་ཆུ་དང་ཐལ་རྡུལ་འགོག་པའི་ནུས་པ་ལྡན་པའི་ཐོག་པར་ཆས་ཡར་རྒྱས་བཏང་ཡོད་པ་དང་། ཤོང་ཚད་ཀྱང་མང་རུ་བཏང་ཡོད་འདུག དེ་མིན་ཐོན་གསར་ཁ་པར་གྱི་ཚོན་མདོག་གདམ་ཀ་མང་བ་ཡོད་རུང་ཁ་པར་གྱི་བཟོ་ལྟ་ནི་སྤྱི་ལོ་༢༠༡༤ལོར་ཐོན་པའི་ཁ་པར་འདྲ་པོ་ཡོད།

ད་རེས་གསལ་བསྒྲགས་གནང་བའི་ཨེ་ཕོལ་གྱི་ཐོན་རྫས་གསར་པ་དེ་ཚོ་སྤྱི་ཚེས་༡༦ཉིན་ནས་ཡུལ་གྲུ་ཉི་ཤུ་ལྷག་ཙམ་གྱི་ཁྲོམ་རྭའི་ཐོག་དངོས་སུ་ཐོན་རྒྱུ་རེད་འདུག དེང་དུས་ཚན་རིག་ལག་རྩལ་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་སྤྱི་ཚོགས་ཁྲོད་ཁ་པར་ནི་མེད་དུ་མི་རུང་པའི་ལག་ཆ་ཞིག་ཆགས་ཤིང་། དམིགས་བསལ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཁྲོད་ཀུ་ཤུའི་ཁ་པར་ནང་བོད་ཡིག་བེད་སྤྱོད་སྟབས་བདེ་ཡོད་པར་བརྟེན་བོད་མི་མང་པོས་ཀུ་ཤུའི་ཁ་པར་བེད་སྤྱོད་བྱེད་བཞིན་ཡོད།

XS
SM
MD
LG