ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གསར་འགོད་ལྷན་ཚོགས།


ཕྱི་ལོ་ ༢༠༡༦ ཟླ་ ༩་ཚེས་ ༥ ཉིན་མོ་བཞུགས་སྒར་རྡ་རམ་ས་ལར་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ཟེར་བའི་ཚོགས་པས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་ཡོད་པ་དང་དེ་ཡང་ ལྷན་ཚོགས་སྐབས་སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་། ཐེ་ཝན་དུས་རབས་ཀྱི་སྟོབས་ཤུགས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕི་ཊི་ལིམ། ཐེ་ཝན་གྱི་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཀོ་ལ་སི་ཡོ་ཊ་ཀ་དང་སྲིད་འཛིན་ལས་ཁུངས་ཀྱི་སློབ་སྟོན་པས་དབུས་པའི་སློབ་དཔོན་ཆེན་མོ་བཞི། རང་དབང་འཐབ་རྩོད་པའི་ཚོགས་མི་སོགས་ཚོགས་མི་བཅུ་ལས་གྲུབ་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་རྡ་སར་བཅར་ཡོད་པ་དང་ ཚོགས་པའི་མིང་ལ་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ཟེར་བ་དེ་གསར་འཛུགས་གནང་བའི་དམིགས་ཡུལ་ནི་མ་འོངས་པར་བོད་པའི་རྩ་དོན་ཐད་ལ་ཐེ་ཝན་དང་བོད་པའི་གྲོས་ཚོགས་འཐུས་མི་ཚོ་མཉམ་རུབ་ཐོག་ནས་ཕྱག་ལས་གནང་རྒྱུའི་ཆེད་ཡིན་པའི་སྐོར་ཚོགས་པ་དེའི་ཚོགས་གཞོན་བཀྲིས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

XS
SM
MD
LG