ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་ཟི་བྷེཀ་སི་ཐན་གྱི་སྲིད་འཛིན་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཟི་བྷེཀ་སི་ཐན་གྱི་སྲིད་འཛིན་ཁ་རི་མོབ་ལོ་ན་༧༨་ཐོག་ཏུ་འདས་གྲོངས་སུ་གྱུར་པ་དང་། ༡༩༩༡་ལོར་ཨུ་རུ་སུ་ཁ་འཐོར་སོང་བའི་རྗེས་སུ་ཨུ་ཟི་བྷེཀ་སི་ཐན་ལ་རང་བཙན་ཐོབ་སྟེ། འདས་པའི་ལོ་༢༥་ཙམ་ལ་སྲིད་འཛིན་ཁ་རི་མོབ་གཅིག་པུས་ཨུ་ཟི་བྷེཀ་སི་ཐན་གྱི་སྲིད་དབང་བཟུང་ཞིང་། ཉི་མ་གསུམ་གྱི་གོང་དུ་སྲིད་འཛིན་ཁ་རི་མོབ་ལ་གློ་བུར་དུ་ཤེས་ཚོར་བརླགས་ཏེ་སྨན་ཁང་དུ་ལྷུང་ཡོད་པས། རྒྱལ་སྤྱིའི་ཐོག་ཏུ་སྲིད་འཛིན་ཁ་རི་མོབ་འདས་གྲོངས་སུ་གྱུར་ན་ཨུ་ཟི་བྷེཀ་སི་ཐན་ལ་སྲིད་འཛིན་གསར་པ་སུ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་མིན་ལ་གླེང་སློང་བྱེད་འགོ་ཚུགས་པ་དང་། ད་སྔ་ཨུ་ཟི་བྷེཀ་སི་ཐན་གཞུང་གིས་སྲིད་འཛིན་ཁ་རི་མོབ་ཀྱི་རྗེས་འཛིན་པ་དེར་སུ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་མིན་ཁྱབ་བསྒྲགས་བྱས་མེད་ཀྱང་རྒྱལ་ཁབ་དེའི་རྩ་ཁྲིམས་སུ་སྲིད་འཛིན་ལས་ཐོག་ཅིག་འདས་གྲོངས་སུ་གྱུར་ན་གྲོས་ཚོགས་གོང་མའི་ཚོགས་གཙོ་སྲིད་འཛིན་ལས་ཚབ་ལ་བསྐོ་བཞག་བྱས་ཏེ། དུས་ཡུན་ཟླ་བ་གསུམ་གྱི་ནང་ཚུད་དུ་ཨུ་ཟི་བྷེཀ་སི་ཐན་ལ་འོས་འདེམས་བྱས་ནས་སྲིད་འཛིན་གསར་པ་ཞིག་ངེས་པར་དུ་བསྐོ་བཞག་བྱ་དགོས་ཞེས་འཁོད་མོད། ཡིན་ནའང་ཉམས་ཞིབ་པ་ཚོས་ཨུ་ཟི་བྷེཀ་སི་ཐན་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྲིད་འཛིན་ལས་ཚབ་ལ་བསྐོ་བཞག་མི་ཐུབ་པ་དང་། རྒྱལ་ཁབ་དེའི་སྲིད་བློན་དང་སྲིད་བློན་གཞོན་པ། བདེ་འཇགས་ལྷན་ཁང་གི་འགོ་ཁྲིད་དང་སྲིད་འཛིན་འདས་པོ་ཁ་རི་མོབ་ཀྱི་བུ་མོ་ཆུང་བ་བཅས་ཀྱི་གང་རུང་ཞིག་འོས་འདེམས་མ་བྱས་བར་དུ་སྲིད་འཛིན་ལས་ཚབ་ལ་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG