ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༦པ་དེ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པ་དང་ ཐེངས་དེའི་ལྷན་ཚོགས་ཀྱི་ནང་བཙན་བྱོལ་བོད་མིའི་ས་ཁུལ་ཁག་ཀྱི་ས་གནས་གཞོན་ནུའི་ཚོགས་པ་༤༠ཙམ་གྱི་འཐུས་མི་ཚོ་མཉམ་བཞུགས་གནང་ཡོད་པ་དང་ཉིན་དྲུག་རིང་ཚོགས་ཆེན་འཚོགས་རྒྱུའི་འཆར་གཞི་ལྟར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་མ་འོངས་པའི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་སྡུར་གནང་རྒྱུ་ཡིན་པ་རེད་ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་དབུས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་པ་ལགས་དང་ཀིརྟི་རིན་པོ་ཆེ་སོགས་ཀྱང་ཕེབས་ཡོད་པའི་སྐོར་སོགས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG