ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨེ་ཤ་ཡའི་བཟོ་ལས་ཁང་ཁག་གི་ཐོན་རྫས་དང་འཛད་སྤྱོད་སྐོར་ནས་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གི་འཛད་སྤྱོད་པ་ཚོས་རྒྱ་ནག་ནང་ནས་བཟོས་པའི་ཚོང་རྟགས་ཅན་གྱི་ཐོན་རྫས་ཁག་ལ་དགའ་མོས་བྱེད་བཞིན་མེད་པ་དང་། ཨེ་ཤ་ཡའི་ཁུལ་གྱི་ཐོན་རྫས་རྒྱུགས་ཆེ་ཤོས་ཀྱི་ཚོང་རྟགས་བརྒྱ་ཡི་ཁོངས་སུ་རྒྱ་ནག་གི་ཚོང་རྟགས་གཅིག་ཀྱང་ཚུད་མེད་པ། གཞན་ཡང་རྒྱ་ནག་ནས་ཐོན་པའི་ཚོང་རྟགས་ཅན་གྱི་ཐོན་རྫས་ཀྱི་སྤུས་ཀ་ཞན་ཞིང་བདེ་སྲུང་མིན་པ་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་འདུག དབྱེ་ཞིབ་པ་ཚོས་བརྗོད་ན་རྒྱ་ནག་གི་བཟོ་ཚོང་ཁང་ཁག་གིས་ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་སྲིད་ཇུས་གསར་བ་ཞིག་བཟོ་དགོས་པ་རེད་འདུག

XS
SM
MD
LG