ངོ་འཕྲད་བདེ་བའི་དྲ་འབྲེལ།

བླ་རུང་སྒར་གྱི་གྲྭ་ཤག་གཏོར་བའི་གནད་དོན་ཐད་ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཞིག་གིས་སྐྱོན་བརྗོད་བྱས་པ།


འདས་པའི་གཟའ་འཁོར་འགའ་ཤས་རིང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་ཤག་རྒྱ་ཕྲག་མང་པོ་གཏོར་བཤིག་བཏང་བ་དེར་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་སྐྱོན་བརྗོད་དྲག་པོ་གནང་ཡོད་འདུག རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཁེ་ཎ་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབྷ་ལྦི་ར་ན་ཡིས་ངོ་རྒོལ་དང་མི་འདོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། གསལ་བསྒྲགས་ནང་བཀོད་པར། བླ་རུང་ཆོས་སྒར་གཏོར་བཤིག་བཏང་བའི་གནད་དོན་འདིར་ངོས་རང་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་། ད་ཆ་ཆོས་སྒར་གྱི་གྲ་བཙུན་ཁྲོད་གྲངས་ཚད་བཟོས་ཏེ་གྲ་ཤག་དང་ནང་ཆོས་སློབ་གཉེར་བྱེད་ས་མེད་པར་འགྱུར་བ་མ་ཟད། གྲ་བཙུན་ཚོའི་བདེ་འཇགས་ལ་ཡང་ཉེན་འཚབ་འཕྲད་བཞིན་གནས་ཡོད། ངོས་ཀྱིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང། ནང་ཆོས་བསླབ་པ་སློབ་གཉེར་ལ་དོན་གཉེར་ཆེ་བའི་བཙན་བྱོལ་བོད་མི་ཚོ་ལ་ཡང་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། ངའི་ངོས་ནས་བླ་རུང་སྒར་གྱི་སྙིང་སྟོབས་དེ་གང་འདྲ་ཡིན་པ་ཤེས་རྟོགས་ཡོད། བོད་མི་ཚོས་སྙིང་སྟོབས་མ་ཞུམ་པར་གནས་ཀྱི་རེད་ཅེས་ཁོང་གིས་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག

XS
SM
MD
LG