ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྕམ་སཱུ་ཅིས་ཕྱི་འབྲེལ་ཐབས་བྱུས་མཁས་པ་ཞིག་ཡིན་པའི་རྣམ་པ་གསལ་སྟོན་གནང་ཡོད་པ།


མྷི་ཡེན་མར་གྱི་རྒྱལ་དོན་བློན་ཆེན་ལྕམ་ཨང་སེན་སཱུ་ཅིས་ རྒྱ་ནག་ཏུ་ཉིན་ལྔའི་རིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་སྒོ་ཁག་ རེས་གཟའ་ཉི་མའི་ཉིན་ མཇུག་འགྲིལ་ཡོད་པ་དང་ འཚམས་འདྲི་དེའི་ཐོག་ནས་ཁོང་གིས་རང་ཉིད་ཕྱི་འབྲེལ་ཐབས་བྱུས་མཁས་པ་ཞིག་ཡིན་པ་དེ་ཡང་གསལ་སྟོན་གནང་ཡོད་པ་རེད་ དེ་ཡང་ ལྕམ་སཱུ་ཅིས་ ད་རེས་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་དུས་ཚོད་གཏན་འབེབས་གནང་སྟངས་དང་ འཚམས་འདྲི་གནང་རྒྱུའི་གཟའ་འཁོར་གཅིག་མིན་ཙམ་ཞིག་གི་གོང་དུ་ རྒྱ་ནག་དང་རྙོག་གླེང་ཡོད་པའི་གནད་དོན་ཞིག་ཐག་གཅོད་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་སྟེ་ རྒྱ་ནག་གིས་མ་རྩ་འཛུགས་འཇོག་བྱ་རྒྱུའི་ཆུ་ཤུགས་གློག་འདོན་གྱི་ལས་འཆར་ཞིག་ལ་ སྲིད་གཞུང་རྙིང་པས་ཆོག་མཆན་སྤྲད་མེད་པ་དེའི་ཐད་ བསྐྱར་ཞིབ་བྱེད་མཁན་ཚོགས་ཆུང་ཞིག་གསར་འཛུགས་བྱས་པའི་གསལ་བསྒྲགས་བྱས་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད་པ་དེ་ཚོའི་ཐོག་ནས་ རྒྱ་ནག་གཞུང་བློ་བདེ་བྱུང་སྟེ་ ད་རེས་ཁོང་གི་འཚམས་གཟིགས་དེ་དོན་ཕན་ལྡན་པ་ཞིག་བྱུང་ཡོད་ལུགས་ཆབ་སྲིད་ཉམ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག

XS
SM
MD
LG