ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་ལ་དྭགས་སུ་ཉིན་གཉིས་ལ་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱངས་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་དུ་ཉིན་གཉིས་ལ་ཆོས་འབྲེལ་མཛད་འཕྲིན་བསྐྱངས་ཡོད་པ་དང་། ཕྱི་ཟླ་༨་པའི་ཚེས་༡༩་ཉིན་ཤེས་རབ་སྙིང་པོའི་ཤེར་ལུང་བཀའ་དྲིན་བསྩལ་པ་མ་ཟད། ཚན་རིག་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་པ་དང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རྒྱུ་མཚན་བརྟག་དཔྱད་དགོས་རྒྱུ་གལ་ཆེན་ཡིན་པ་སོགས་བཀའ་སློབ་གནང་ཡོད་པ་རེད།

XS
SM
MD
LG