ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༥/༡༢

ཏྲཱ་རམ་གྱི་འོས་བསྡུའི་དྲིལ་བསྒྲགས་འགན་འཛིན་དང་ཕྱི་རྒྱལ་གྱི་ཚོགས་སྡེ་ཞིག་འབྲེལ་བ་ཡོད་པ།


ཨ་མི་རི་ཀའི་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མི་ཌཱ་ནལྜ་ ཏྲཱ་རམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགན་འཛིན་སྤྱི་ཁྱབ་པོལ་ མཱ་ནཱ་ཕོཌ་ཀྱིས་ ར་ཤི་ཡ་ལ་དགའ་ཞེན་ཆེ་བའི་ཡུག་རན་གྱི་གཞུང་འཛིན་ཚོགས་པར་ ཨ་མི་རི་ཀའི་གཞུང་གི་སྲིད་བྱུས་ལ་ཤུགས་རྐྱེན་གཏོང་རྒྱུར་དམིགས་པའི་ལས་དོན་སྤེལ་རྒྱུར་རོགས་སྐྱོར་བྱས་ཏེ་ ཨ་མི་རི་ཀའི་གཞུང་དང་ གྲོས་ཚོགས་ཀྱི་ལས་དོན་ཚན་པ་ཁག་ལ་ཞུ་གཏུགས་དང་ བརྒྱུད་སྐུལ་གྱི་ལས་ཀ་བྱེད་མཁན་ཨ་མི་རི་ཀའི་རྒྱལ་སའི་ནང་གི་ལས་ཁང་གཉིས་ལ་ ཕྱི་ལོ་༢༠༡༢ལོར་གྲོན་དངུལ་ཨ་སྒོར་ས་ཡ་གཉིས་དང་ འབུམ་གཉིས་གསང་བའི་སྒོ་ནས་སྤྲོད་རྒྱུར་རོགས་པ་བྱས་ཡོད་པ་རེད།

XS
SM
MD
LG