ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་བློན་མོ་དིའི་རྒྱ་གར་རང་བཙན་དུས་ཆེན་གྱི་གཏམ་བཤད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༨་ཚེས་༡༥་ནི་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་༧༠་ཐམ་པ་ཕྱིན་པའི་དུས་དྲན་ཡིན་པ་དང་། སྲིད་བློན་མོ་དིས་རྒྱལ་ས་ལྡི་ལི་གསར་པའི་མཁར་རྫོང་དམར་པོར་རྒྱ་གར་རྒྱལ་ཡོངས་ལ་གཏམ་བཤད་བྱས་ཏེ། རྒྱ་གར་མི་དམངས་རྣམས་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་དང་རྒྱལ་ཁབ་ཡར་རྒྱས་ལེགས་པར་གཏོང་དགོས་ཞེས་ནན་བརྗོད་བྱས་ཀྱང་། ཀ་ཤི་མིར་མི་དམངས་ཀྱིས་རྒྱ་གར་བའི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་ཟླ་བ་གཅིག་ལྷག་ཕྱིན་ཡོད་པ་དངོས་སུ་གླེང་སློང་བྱས་མེད་ཅིང་། སྲིད་བློན་མོ་དིས་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱུད་སྐུལ་བྱེད་པའི་འཚོ་བ་འདི་ཅི་ཞིག་ཡིན་ནམ། འཇིགས་སྐུལ་རིང་ལུགས་ཀྱིས་རྒྱུད་སྐུལ་བྱས་ནས་ཚུགས་པའི་སྲིད་གཞུང་དེ་ཅི་ཞིག་ཡིན་ནམ་ཞེས་པ་ཀི་སི་ཐན་དམིགས་འབེན་ལ་བཟུང་ནས་ཁ་རྡུང་དྲག་པོ་བཏང་བ་དང་། སྲིད་བློན་མོ་དིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་གཏམ་བཤད་བྱས་པའི་སྐབས་དེར་དྲག་སྤྱོད་པ་ཚོས་ཀ་ཤི་མིར་གྱི་དབྱར་ཀའི་རྒྱལ་ས་སི་རི་ཎ་གྷར་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁང་ཞིག་ལ་གཏོར་རྒོལ་བྱས་ཏེ། རྒྱ་གར་བའི་བདེ་འཇགས་མི་སྣ་ཞིག་བསད་པ་དང་མི་གཞན་པ་༡༠་ལ་རྨས་སྐྱོན་ཕོག་པ་དང་། རྒྱ་གར་བའི་བདེ་འཇགས་མི་སྣ་ཚོས་རྒོལ་ལན་སློག་ནས་དྲག་སྤྱོད་པ་གཉིས་བསད་ཡོད་པ་རེད།།

XS
SM
MD
LG