ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་འོས་མི་ཊོམ་ལ་སྐྱོན་བརྗོད་བྱེད་མཁན་མང་རུ་འགྲོ་བཞིན་པ།


ཨ་མི་རི་ཀའི་སྲིད་འཛིན་འོས་མི་སྐུ་ཞབས་ཊོམ་གྱིས་རེས་གཟའ་མིག་དམར་ཉིན་གཏམ་བཤད་ཞིག་སྤེལ་བའི་སྐབས་གལ་སྲིད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཁ་ལིན་ཌོན་ཨ་རིའི་སྲིད་འཛིན་ལ་འོས་འདེམས་ བྱུང་ཚེ། ཆེས་མཐོའི་ཁྲིམས་ཁང་ནང་མེ་མདའ་ཉར་ཆོག་པའི་ཐོབ་ཐང་དེར་དམ་བསྒྲགས་བཀག་འགོག་བྱ་འདོད་ཡོད་མཁན་་ཁྲིམས་དཔོན་ཁག་བསྐོབཞག་གནང་སྟེ་ བཅའ་ཁྲིམས་དོན་ཚན་གཉིས་པའི་ནང་བཀོད་པའི་རང་དབང་ཐོབ་ཐང་ཁག་མེད་པར་འགྱུར་སྲིད་པར་བརྟེན་སྒེར་གྱི་མེ་མདའ་ཉར་ཆོག་རྒྱུའི་རང་དབང་ཐོབ་ཐང་དེ་དམ་འཛིན་བྱེད་མཁན་ཚོས་དམངས་གཙོ་ཚོགས་པའི་ལས་འཆར་དེ་རིགས་ལ་འགོག་ཐབས་བྱ་དགོས་པའི་ ནན་སྐུལ་གནང་བའི་གནད་དོན་དེས་ཨ་རིའི་ཆབ་སྲིད་ཁོར་ཡུག་ནང་སླར་ཡང་རྩོད་གླེང་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། སྲིད་འཛིན་འོས་མི་ཞིག་གིས་རྒྱལ་ནང་ལ་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་རུ་ཕྱིན་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG