ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་ས་གནས་གཞུང་གིས་ཕྲུ་གུ་སྐྱེ་རྒྱུ་ཡོད་པའི་སྦྲུམ་མ་དང་ཟས་བཅུད་མི་ལྡེང་པའི་བུ་གུ་བཅས་ལ་འཚོ་བཅུད་ལྡན་པའི་ལྟོ་ཆས་སྤྲོད་རྒྱུའི་ལས་འཆར་ཞིག་གཞི་རྩར་བཟུང་སྟེ། བུད་མེད་སྦྲུམ་མ་དང་ ཕྲུ་གུ་བཅས་ལ་འཚོ་བཅུད་ལྡན་པའི་ལྟོ་ཆས་བགོ་འགྲེམ་བྱས་ཀྱང་རིགས་རུས་མཐོ་བའི་ཨ་མ་ཚོས་ལྟོ་ཆས་དེ་དག་རིགས་དམན་སྲི་ཞུ་བ་ཚོས་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱས་ཏེ། བུད་མེད་སྦྲུམ་འགའ་དང་ཕྲུ་གུ་ཁག་ཅིག་ལྟོག་པར་ལུས་ཀྱང་རིགས་རུས་དམན་པའི་ལག་ནས་ལྟོ་ཆས་བཟའ་རྒྱུ་མིན་ཟེར་ཡོད་པ་རེད།།

XS
SM
MD
LG