ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༥ལོའི་ཟླ་༧ཚེས་༩ཉིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་མི་ཉུང་བ་ཞིག་འཛིན་བཟུང་བཀག་ཉར་བྱས་པ་དེར་མི་རྣམས་ཀྱིས་བདུན་པའི་ཚེས་དགུ་ཉིན་གྱི་དྲག་གནོན་དོན་རྐྱེན་ཞེས་འབོད་བཞིན་ཡོད་ལ། སྐབས་དེ་དུས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཧྥེན་རེན་ཁྲིམས་རྩོད་ལས་ཁུངས་ཀྱི་འགན་འཛིན་ཀྲའུ་ཧྲེ་ཧྥིན་སོགས་འཛིན་བཟུང་བྱས་ཏེ་ལོ་གཅིག་རིང་བཀག་ཉར་བྱས་པའི་རྗེས་སུ་ཀྲའུ་ཧྲེ་ཧྥིན་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་འཛུགས་ཐོག་ལོ་བདུན་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

XS
SM
MD
LG