ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འོས་འདེམས་ནང་འགྲན་ཞུགས་བྱེད་མཁན་འོས་མི་མང་པོ་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ།


ཧོང་ཀོང་གི་འོས་བསྡུ་ལས་ཁང་གི་འགན་འཛིན་གྱིས་གཏམ་བཤད་བྱེད་པའི་སྐབས་ རིང་མིན་བྱ་རྒྱུའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ཀྱི་ནང་འགྲན་ཞུགས་བྱེད་མཁན་འོས་མི་མང་པོས་ངོ་རྒོལ་བྱས་པར་བརྟེན་ ངོ་རྒོལ་བྱེད་མཁན་དེ་རྣམས་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བཙན་འཁྲིད་བྱས་ཡོད་པ་རེད་ དེ་ཡང་ ཟླ་བ་རྗེས་མ་བྱ་རྒྱུའི་ཧོང་ཀོང་གི་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ཀྱི་ནང་ འགྲན་ཞུགས་བྱེད་མཁན་དམངས་གཙོ་དོན་གཉེར་བ་དང་ རང་བཙན་དོན་གཉེར་བ་མང་པོ་ཞིག་ལ་ འོས་བསྡུའི་ནང་འགྲན་ཞུགས་ཆོག་པའི་ཐོབ་ཐང་མ་སྤྲད་པར་བཀག་འགོག་བྱས་ཡོད་སྟབས་ དེ་ལ་འོས་མི་དེ་རྣམས་ཀྱི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་ འོས་བསྡུ་ལས་ཁང་གི་འགན་འཛིན་བྷར་ནཱ་བྷསི་ ཕུང་གིས་ ཀཱ་འོ་ལུན་མཚོ་ཁུགས་ཁུལ་གྱི་འོས་མི་རྣམས་ལ་གཏམ་བཤད་བྱེད་པའི་སྐབས་ སྤྱི་ཚོགས་དམངས་གཙོ་གནའ་འབྲེལ་ཚོགས་པ་དང་ མི་དམངས་ཀྱི་སྟོབས་ཤུགས་ཚོགས་པ་བཅས་ཀྱི་ཚོགས་མི་མང་པོས་ཚོགས་ཁང་གི་ནང་དུ་ངོ་རྒོལ་གྱི་སྐད་འབོད་བྱས་པ་དང་ ཕྱི་ཕྱོགས་སུ་ཚོགས་པ་དེ་དག་གི་རྒྱབ་སྐྱོར་བ་བཅུ་ཕྲག་ཁ་ཤས་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།

XS
SM
MD
LG