ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༡༦་གི་ཕྱི་ཟླ་༡༡་ཚེས་༨་ཉིན་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་འོག་མའི་འཐུས་མི་ཐམས་ཅད། གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག་གསར་དུ་འོས་འདེམས་བྱ་དགོས་དང་། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་མེ་ཁན་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ཕོལ་ར་ཡན་གཉིས་ཀྱང་རང་རང་གི་མངའ་སྡེ་ཁག་གི་འཐུས་མིར་བསྐྱར་དུ་ལངས་ཏེ་འོས་འདེམས་ཀྱི་འགྲན་རྩོད་ལ་ཞུགས་དགོས་ཀྱི་ཡོད་མོད། འོན་ཀྱང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཇཱོན་མེ་ཁན་དང་ཕོལ་ར་ཡན་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅིང་། བདུན་ཕྲག་གཉིས་ཀྱི་གོང་དུ་ཚོགས་པའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཕོལ་ར་ཡན་དངོས་སུ་ཕེབས་ཏེ། ཁོང་གིས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་དགོས་པའི་གཏམ་བཤད་པ་དང་། ཇཱོན་མེ་ཁན་སྔོན་ནས་སྤྱི་མཐུན་ཚོགས་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་མོས་མཐུན་མེད་པས། ཁོང་ཁེ་ལིབ་ལན་ཌི་གྲོང་ཁྱེར་དུ་ཚོགས་པའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་མེད་པ་རེད།།

XS
SM
MD
LG