ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཉི་ཧོང་གི་རྒྱལ་སྲུང་བསྐྱར་ཞིབ་ཡིག་ཆ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉི་ཧོང་གི་ལོ་རེའི་རྒྱལ་སྲུང་བསྐྱར་ཞིབ་ཡིག་ཆ་དེར་རྒྱ་ནག་གིས་གཞན་ལ་བསྟུན་མཁས་པ་དང་གུ་བཤངས་མི་བྱེད་པ་དང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་བརྩི་མེད་བཏང་ནས་རང་དོན་ཁོ་ན་བསྒྲུབ་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་རྣམ་པ་ཐོན་ཡོད། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་བཏང་ནས་ས་ཆ་བཙན་བཟུང་བྱེད་ཀྱི་ཡོད་པ་དེར་དམིགས་ཡུལ་ལ་མི་མཐུན་པ་དང་ལྡོག་ཕྱོགས། ཕྱོགས་ཁག་ཚང་མར་གནོད་ཚབས་ཆེ་བའི་མཇུག་འབྲས་ངན་པ་ཞིག་སྨིན་སྲིད་ཅེས་བཀོད་ཅིང་། རྒྱ་ནག་གཞུང་གིས་ཉི་ཧོང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་བཙན་དྲག་ཟེར་པ་ཞིག་འུར་སྒྲོགས་བྱས་ནས་རྒྱ་ནག་ལ་ངན་ཁག་གཡོག་གི་ཡོད། ཉི་ཧོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱས་ནས་ལོ་རྒྱུས་ཀྱི་ནག་ཉེས་ཡོད་པ་དེར་བལྟ་ཐུབ་ཀྱི་མེད་པ་དང་། རྒྱ་ནག་ཞི་བའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པ་དེར་ཉི་ཧོང་གིས་འཁྱོག་བརྗོད་བྱེད་བཞིན་ཡོད་ཅེས་དགག་པ་བརྒྱབ་འདུག སྤྱིར་ཉི་ཧོང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ས་ཆའི་བདག་དབང་རྩོད་རྒྱུ་མེད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཉི་ཧོང་ལ་འབྲེལ་བ་ཡོད་པ་ཞིག་ཀྱང་མིན་རུང་། གལ་སྲིད་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོར་དབང་སྒྱུར་བྱེད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་ནས་ལོ་ལྟར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ལྔའི་ཚོང་ཟོག་སྐྱེལ་འདྲེན་གྱི་ཡོད་པ་དེར་རྒྱ་ནག་གིས་སྟངས་འཛིན་ཐུབ་ཚེ། ཉི་ཧོང་གི་ཚོང་ལས་དང་དཔལ་འབྱོར། ཉི་ཧོང་གི་དངོས་ཟོག་སྐྱེལ་འདྲེན་དང་ནང་འདྲེན་རྣམས་རྒྱ་ནག་ལ་བསྟུན་དགོས་པ་ཞིག་ལ་འགྱུར་རྒྱུ་ཡིན་པས། རྒྱ་ནག་གི་ཤུགས་རྐྱེན་དེ་ཉིད་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡོངས་སུ་ཁྱབ་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ས་ཁྱོན་ལེ་དབང་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་བཞི་མ་ཟིན་ཙམ་ཞིག་གི་བདག་དབང་ཡོད་ཅེས་རྩོད་ཀྱི་ཡོད་ཀྱང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་ཕིན་དང་ཝིཏ་ནམ། མ་ལེ་ཤི་ཡ་དང་རྦུ་རུ་ནེ། ཐེ་ཝན་བཅས་ཀྱིས་ཀྱང་རང་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་ཁག་གི་བདག་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG