ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཕ་གྷ་ནི་ས་ཐན་གྱི་ཐ་ལ་བྷན་ གྱེན་ལོག་ཤོག་ཁག་གི་སྐུ་ཚབ་འཐུས་མི་ཞིག་ ཉེ་ཆར་རྒྱ་ནག་ལ་བསྐྱོད་དེ་ རྒྱ་མིའི་དཔོན་རིགས་ཁག་དང་ཐུག་འཕྲད་བྱས་ཡོད་པ་དང་ དེང་སྐབས་ཨཕ་གྷན་ཡུལ་དེ་ནི་བཙན་བཟུང་བྱས་ཡོད་པས་ཡུལ་དེའི་ནང་རང་དབང་སླར་གསོ་བྱེད་རྒྱུར་ རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རོགས་རམ་བྱེད་དགོས་ཀྱི་ཡོད་པའི་འབོད་སྐུལ་ཞུ་ཡོད་ལུགས་ཐ་ལ་བྷན་གྱི་དཔོན་རིགས་ཤིག་གིས་འགྲེལ་བརྗོད་བྱས་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG