ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སོག་རྫོང་གི་ཆབ་སྲིད་བཙོན་ཟུར་ཞིག་ཉེ་ཆར་བཙོན་ཁང་ནས་གློད་གྲོལ་ཐོབ་པ།


བོད་ཀྱི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཟླ་༧ ཚེས་ ༡༩ ཉིན་འབྲི་རུ་རྫོང་གི་ཙམ་མདའ་བཙོན་ཁང་ནས་གློད་གྲོལ་ཐོབ་པ་དང་། ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་གིས་འབྲི་རུ་དང་སོག་རྫོང་དུ་ཉེས་མེད་ཉེས་འཛུགས་དང་། ཁྲིམས་མཐུན་མིན་པར་འཛིན་བཟུང་བྱས་པའི་འགྲོ་སྟངས་ལ་སྐྱོན་བརྗོད་བྱས་རྐྱེན་འདི་ལོ་ཟླ་བ་གཉིས་ལྷག་ཙམ་འཛིན་བཟུང་བྱས་ཡོད་ཅེས་རྒྱ་གར་རྡ་རམ་ས་ལ་ནས་སྤྱི་འཐུས་ངག་དབང་ཐར་པ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། བློ་གྲོས་རྒྱ་མཚོ་ལགས་ཀྱིས་དེ་སྔོན་གྲྭ་བཞི་བཙོན་ཁང་ནང་བོད་རང་བཙན་གྱི་ལས་འགུལ་སྤེལ་བ་དང་། བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་ཕོག་ཡོད་པ་སོགས་ཀྱི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG