ངོ་འཕྲད་བདེ་བའི་དྲ་འབྲེལ།

ལ་དྭགས་ནང་ཡོད་པའི་བོད་མི་རྒན་ཁོག་ཁག་ཅིག་དུས་འཁོར་དབང་ཆེན་ལ་འཁྲིད་རྩིས་ཡོད་པ།


ལྷག་བསམ་ཚོགས་པས་གོ་སྒྲིག་འོག་ལ་དྭགས་བོད་མིའི་རྒན་གསོ་ཁང་ཁག་ནང་དེ་སྔ་བོད་ནས་ཁ་བྲལ་ཏེ་ལ་དྭགས་ལ་འབྱོར་བ་ནས་བཟུང་ཐག་རིང་དུ་སྐྱོད་མྱོང་མེད་པའི་བོད་མི་རྒན་ཁོག་༡༥དང་། ཁོང་ཚོར་རོགས་པ་བྱེད་མཁན་དྭང་བླངས་ཞབས་ཞུ་བ་ལྔ་བཅས་མི་གྲངས་ཉི་ཤུ་ཕྱི་ལོ་༢༠༡༧ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དཔལ་ དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སར་འཁྲིད་རྩིས་ཡོད་པས། ཁོང་རྣམ་པའི་འགྲོ་སོང་འདུ་རུབ་ཡོང་ཆེད་གཉིས་རིང་ལ་དྭགས་ལ་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་འཚོགས་ཀྱི་ཡོད་པའི་སྐོར་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་གྲགས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG