ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷར་ནི་ཡིས་ལྕམ་ཀ་ལིན་ཌན་སྲིད་འཛིན་ལ་འོས་འདེམས་ངེས་པར་བྱེད་དགོས་ཞེས་གསུངས་པ།


ཨ་རིའི་ནང་མང་གཙོ་སྲིད་དོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ལྷན་འཛོམས་ཚོགས་ཆེན་གྱི་ཉིན་དང་པོར་ཚོགས་པའི་སྔོན་འགྲོའི་འོས་བསྡུའི་ནང་སྲིད་འཛིན་འོས་མིར་འགྲན་རྩོད་གནང་མཁན་བྷར་ནི་ སན་ཌར་གྱིས་ལྕམ་ཧི་ལ་རི་ ཀི་ལིན་ཌོན་མ་འོངས་པའི་ཨ་རིའི་སྲིད་འཛིན་ལ་འོས་འདེམས་ངེས་པར་བྱེད་དགོས་པ་ཡིན་ཞེས་གསུངས་འདུག་པ་དང་། མང་གཙོ་ཚོགས་པའི་རྒྱུན་ལས་ཀྱི་ཆ་འཕྲིན་ཕྱིར་གྱར་སོང་བའི་ལབ་རྙོག་འོག་ཚོགས་ཆེན་དེ་འགོ་འཛུགས་བྱས་ཡོད་ནའང་། སྲིད་འཛིན་ཨོ་བྷ་མའི་སྐུ་ཟླ་ལྕམ་མི་ཤལ་ ཨོ་བྷ་མ་སོགས་གནད་ཡོད་མི་སྣ་ཁག་གིས་ཧི་ལ་རི་ ཀི་ལིན་ཌན་སྲིད་འཛིན་ལ་འོས་འདེམས་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་གསུང་བཤད་རིམ་པར་གནང་རྗེས་ཉིན་དང་པོའི་ཚོགས་ཆེན་དེ་ཆིག་བསྒྲིལ་གྱི་ཁ་ཕྱོགས་སུ་བསྐྱོད་པའི་བཟང་ཕྱོགས་ངང་མཇུག་བསྒྲིལ་བྱས་ཡོད་པ་རེད།

XS
SM
MD
LG