ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ཟླ་༧ཚེས་༢༥དང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དམག་དོན་ཁྲིམས་ཁང་གིས་རྒྱ་ནག་བཅིངས་འགྲོལ་དམག་གི་དམག་སྤྱི་གཞོན་པ་ཟུར་པ་ཀཱོ་པོ་ཞོན་ལ་གྱོད་དོན་ཁྲིམས་བཤེར་བྱས་རྗེས་ཁོ་པས་དབང་ཆ་དང་གོ་གནས་བེད་སྤྱོད་བྱས་ཏེ་ལྐོག་རྔན་ལེན་པའི་ནག་ཉེས་ཐོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བྱ་རྒྱུ་མ་ཟད། ད་དུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུའི་གསལ་བསྒྲགས་བྱས་འདུག ལོ་༧༤ལ་སོན་པའི་ཀཱོ་པོ་ཞོན་ནི་རྒྱ་ནག་གི་ཆེས་མཐོའི་དམག་སྤྱི་གཞོན་པ་དང་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་མི་༢༥ཁོངས་ཀྱི་ཚོགས་མི་ཡིན་པ་མ་ཟད། དམག་མི་ས་ཡ་གཉིས་དང་ཕྱེད་ཀ་ཙམ་གྱི་དམག་དོན་ལས་ཀའི་ཐོག་ལོ་ངོ་བཅུ་ལྷག་རིང་ཐད་ཀར་འབྲེལ་བ་ཡོད་མཁན་ཞིག་ཆགས་ཀྱི་ཡོད།

XS
SM
MD
LG