ངོ་འཕྲད་བདེ་བའི་དྲ་འབྲེལ།

མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ད་རིང་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་གཏན་འཁེལ་བྱ་རྒྱུའི་ཉིན་བཞིའི་རྒྱལ་ཡོངས་འཐུས་མི་རྒྱས་འཛོམས་ཚོགས་ཆེན་དེ་ད་རིང་ནས་ཕྷི་ལི་ཌི་ཕྷི་ཡ་གྲོང་ཁྱེར་ནང་བསྐོང་ཚོགས་གནང་གི་ཡོད་པ་དང་། ཚོགས་ཆེན་དེར་སྐད་འབོད་ཁྲོམ་བསྐོར་བྱེད་མཁན་འཕོན་ཆེ་ཡོང་རྒྱུ་མ་ཟད། མང་གཙོ་ཚོགས་པའི་ཚོགས་གཙོ་དགོངས་ཞུ་བྱས་པའི་ལབ་རྙོག་འོག་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད། ཉིན་དང་པོར་གསུང་བཤད་གནང་མཁན་གྱི་ཐོ་གཞུང་ལ་གཞིགས་ན་མང་གཙོ་ཚོགས་པ་དང་ལྕམ་ཀི་ལིན་ཌན་འོས་བསྡུའི་དྲིལ་བསྒྲགས་ལས་ཁུངས་བཅས་ཀྱིས་གྲོས་ཚོགས་གོང་མའི་འཐུས་མི་བྷར་ན་ སེན་ཌརྶ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་འདོད་བློ་ཁེངས་པ་ཡོང་ཐབས་ལ་འབད་བརྩོན་གནང་གི་ཡོད་པ་གསལ་པོ་ར་སྤྲོད་བྱེད་ཀྱི་ཡོད་པ་རེད། དེ་ཡང་ད་རིང་མང་གཙོ་ཚོགས་པའི་འཐུས་མི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་དང་པོར་གྲོས་ཚོགས་གོང་མའི་འཐུས་མི་བྷར་ནི་ སེན་ཌརྶ་ཡིས་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། དེ་སྔོན་སྔོན་འགྲོའི་འོས་བསྡུའི་སྐབས་བྷར་ནི་ སེན་ཌརྶ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྲོས་ཚོགས་གོང་འོག་གི་འཐུས་མི་གསུམ་གྱིས་གཏམ་བཤད་བྱ་རྒྱུ་ཡིན་པ་རེད།

XS
SM
MD
LG