ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དགེ་འདུན་པ་ཞིག་གིས་ན་ནིང་ལོའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཁྲོམ་སྐོར་བྱས་རྐྱེན་དུ་བཙོན་བཅུག་ཁྲིམས་ཐག་བཅད་པ།


རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་ན་ནིང་ལོའི་ནང་རཉགྱ་ནག་གཞུལ་ལ་ངོ་རྒོལ་གྱི་ཁྲོམ་སྐོར་བྱས་རྐྱེན་ཉེ་ཆར་ས་གནས་ཁྲིམས་ཁང་གི་ཁྲིམས་རྭའི་ནང་འབྲེལ་ཡོད་ནང་མི་ཉེ་འབྲེལ་སུ་ཡང་མེད་པའི་ཐོག་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ད་དུང་སྤྱི་ཟླ་ ༧ ཚེས་ ༡༤ ཉིན་རྔ་པའི་དཔའ་བོའི་སྲང་ལམ་དུ་བུད་མེད་ཅིག་གིས་ཀྱང་ངོ་རྒོལ་བྱས་པར་བརྟེན་ད་ལྟ་བཀག་ཉར་འོག་ཡོད་པ་གནས་ཚུལ་ཐོན་ཞིང་། ད་ལྟའི་འཆར་བུད་མེད་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་འདུག སྤྱི་ལོ་ ༢༠༡༤ ལོ་ནས་བཟུང་རྔ་པའི་སྲང་ལམ་དུ་ཁྱེར་རྐྱང་ངང་ཞི་བའི་ངོ་རྒོལ་བྱེད་མཁན་མང་པོ་ཐོན་པ་སོགས་ཀྱི་སྐོར་ལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG